
དེ་རིང་ཉིན་གུང་ཆུ་ཚོད་ ༡༢ དང་ཕྱེད་ཀའི་སྟེང་གངས་སྐྱིད་བཀའ་ཤག་གསར་པའི་ ཚོགས་ཁང་དུ་བཀའ་ཤག་གིས་
གསར་དུ་བདམས་ཐོན་བྱུང་བའི་བཀའ་བློན་ཁག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ ཁང་ཁག་ཏུ་བསྐོ་བཞག་
གནང་བའི་གསར་འགོད་ལྷན་ཚོགས་བསྐྱངས་དོན་ལྟར་ན།
བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་དང་།
བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན།
བཀའ་བློན་པདྨ་ཆོས་འབྱོར་མཆོག་ཆོས་རིགས་ལས་ཁུངས་ཀྱི་བཀའ་བློན།
བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན།
བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན།
བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན།